菩萨戒仪轨

༄༅། །བྱང་སྡོམ་ལེན་ཆོག


ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌།

效借纳犹波桑吉炯丹迪坛加当

祈请十方一切出有坏正等觉及

ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌།

萨借拉内波香且森华森华钦波南当

十地菩萨摩诃萨众及

བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། །

喇嘛多杰怎巴钦波南达拉恭色所

诸位大金刚持上师垂念我

དེ་ནས་དངོས་གཞི་སྨོན་འཇུག་སྟབས་གཅིག་ཏུ་བླང་བ་ནི།

正行愿行发心者:

བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །

香且酿波其杰瓦

乃至菩提果

སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །

桑吉南拉嘉森且

皈依诸如来

ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །

秋当香且森华耶

正法菩萨众

ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །

措拉昂得银嘉森且

如是亦皈依

ལན་གསུམ། 三遍

ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །

结达温杰得夏基

如昔诸善逝

བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །

香且特呢洁巴当

先发菩提心

བྱང་ཆུབ་སེམས་དཔའི་བསླབ་པ་ལ། །

香且森慧拉巴拉

复此循序住

དེ་དག་རིམ་བཞིན་གནས་པ་ལྟར། །

得达仁银内巴达

菩萨诸学处

དེ་བཞིན་འགྲོ་ལ་ཕན་དོན་དུ། །

得银卓拉潘敦德

如是为利生

བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །

香且森呢洁杰样

我发菩提心

དེ་བཞིན་དུ་ནི་བསླབ་པ་ལའང༌། །

得银德呢拉巴拉昂

复于诸学处

རིམ་པ་བཞིན་དུ་བསླབ་པར་བགྱི། །

仁巴银德拉巴杰

次第勤修学

ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ།

诵三遍受菩萨戒

མཇུག་ཏུ་གཟེངས་བསྟོད་ཅིང་དགའ་བ་བསྒོམ་པ་ནི།

后赞叹随喜者:

དེང་དུས་བདག་ཚེ་འབྲས་བུ་ཡོད། །

今生吾获福

མི་ཡི་སྲིད་པ་ལེགས་པར་ཐོབ། །

么耶哲巴拉巴托

善得此人身

དེ་རིང་སངས་རྒྱས་རིགས་སུ་སྐྱེས། །

得让桑吉热色基

复生佛家族

སངས་རྒྱས་སྲས་སུ་ད་གྱུར་ཏོ། །

桑吉这色达杰多

今成如来子

ད་ནི་བདག་གིས་ཅི་ནས་ཀྱང༌། །

达呢达给结内匠

尔后吾当为

རིགས་དང་མཐུན་པའི་ལས་བརྩམས་ཏེ། །

热当腾波类赞得

宜乎佛族业

སྐྱོན་མེད་བཙུན་པའི་རིགས་འདི་ལ། །

俊美怎波热德拉

慎莫染污此

རྙོག་པར་མི་འགྱུར་དེ་ལྟར་བྱ། །

纽巴门杰得达夏

无垢尊贵种

ལོང་བས་ཕྱག་དར་ཕུང་པོ་ལས། །

隆威夏达彭波类

犹如目盲人

ཇི་ལྟར་རིན་ཆེན་རྙེད་པ་ལྟར། །

结达仁钦涅巴达

废聚获至宝

དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །

得银结耶达迪内

生此菩提心

བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །

香且森呢达拉基

如是我何幸

བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །

达给得让交巴坛加杰

今于怙主前

སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །

宣锕卓瓦得夏涅当呢

筵众为上宾

བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །

瓦德得拉准德悟仁基

宴飨成佛乐

ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །

拉当拉门拉所嘎瓦基

普愿皆欢喜

སྨོན་ལམ་གྱི་རིམ་པ་ནི། 发愿次第:

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །

香且森窍仁波切

菩提心妙宝

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །

玛基巴南洁杰结

未生者当生

སྐྱེས་པ་ཉམས་པ་མེད་པར་ཡང༌། །

基巴年巴美巴扬

已生勿退失

གོང་ནས་གོང་དུ་འཕེལ་བར་ཤོག །

恭内恭德培瓦效

展转益增长

བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །

香且森当门抓样

愿不舍觉心1

བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །

香且效拉哟瓦当

委身菩提行

སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །

桑吉南基永荣样

诸佛恒提携

བདུད་ཀྱི་ལས་རྣམས་སྤོང་བར་ཤོག །

德杰类南崩瓦效

断尽诸魔业

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །

香且森华南基呢

愿菩萨如意

འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །

卓敦特拉恭哲效

成办众生利

མགོན་པོ་ཡིས་ནི་གང་དགོངས་པ། །

衮波义呢刚恭巴

愿有情悉得

སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །

森坚南拉昂得较效

怙主慈护念

སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །

森坚坛加得当丹杰结

愿众生得乐

ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བར་ཤོག །

安卓坛加达德东瓦效

诸恶趣永尽

བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །

香且森华刚达萨犹巴

愿登地菩萨

དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག ། ། །

得达根杰门蓝哲巴效

彼愿皆成就

 

注:1、觉心:菩提心的简称。

results matching ""

    No results matching ""