文 殊 礼 赞

༄༅། །འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ། །


བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །

炯丹迪衮波蒋华样拉香擦洛

南无大智文殊师利菩萨摩诃萨

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །

刚格洛珠哲尼阵抓涅达南达ra萨威

谁之智慧   离二障云   犹如净日极明朗

ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །

结涅敦根结银惹穴涅杰特嘎拉万怎

所有诸义   如实观故   胸中执持般若函

གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །

刚达哲波尊ra玛热门藤德锕基热沃

诸有于此   生死牢狱   无明暗覆苦所逼

འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌། །

卓措根拉沃结达贼沿拉哲吉样丹颂

众生海中   悲同一子   具足六十韵音语

འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌། །

哲达切卓纽蒙涅隆类杰加卓桌匝匠

如大雷震   烦恼睡起   业之铁索为解脱

མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །

玛热门色德锕涅格结涅皎匝ra哲南

无明暗除   苦之苗芽   尽皆为断挥宝剑

གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །

多内达匠萨吉塔孙云丹利作嘉这特悟格

从本清净   究竟十地   功德身圆   佛子最胜体

བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། །

借茶借当借尼坚这达录门色蒋华样拉德

百一十二   相好庄严   除我心暗   敬礼妙吉祥

(能海上师译)

results matching ""

    No results matching ""